以案释法| 购买抵押车需谨慎(藏汉双语)གཏའ་མའི་རླངས་འཁོར།
什么是抵押车
ཅི་ཞིག་ལ་གཏའ་མའི་རླངས་འཁོར་ཟེར་ཞེས་ན།
གཏའ་མའི་རླངས་འཁོར་གྱི་ཡོང་ཁུངས་ཕལ་ཆེར་རིགས་གཉིས་སུ་ཡོད།ཡོང་ཁུངས་གཅིག་ནི་རྒྱལ་ཁབ་གྱིས་ཁས་ལེན་པའི་མ་འཇོག་སྤྱི་གཉེར་དང་།ཁག་འཁུར་སྤྱི་གཉེར་ཁང་།གཏའ་འཇོག་ཁང་སོགས་ནས་ཐད་ཀར་ཐོན་གྱིན་ཡོད།དངུལ་ཁང་ལ་གཏའ་མར་བཞག་པའི་རིགས་ནི་ཆེས་ཚད་ལྡན་གྱི་རིགས་དེ་ཡིན་ཞིང་།སྤྱིར་བཏང་དུ་དེའི་རིགས་ལ་གནད་དོན་ཡོད་མི་སྲིད་ལ་མ་མཐའ་ཡང་ལོ་དུ་མར་བཀོལ་པར་སེམས་ཁུར་བྱེད་མི་དགོས་པར་གནང་།ཡིན་ཡང་།དངུལ་བུན་སྤྱི་གཉེར་ཁང་ཆུང་བའི་རིགས་ལ་ཡང་བསྐྱར་གཏའ་མར་འཇོག་པའི་ངེས་པའང་མེད་པ་མིན།ཡོང་ཁུངས་གཉིས་པ་དེ་ནི་དམངས་ཁྲོད་ནས་སྒེར་ལས་དངུལ་བུན་ལེན་པར་གཏའ་མར་བཞག་པའི་རིགས་དེ་ཡིན།དཔེར་ན།དངུལ་བུན་སྤྱི་གཉེར་ཁང་ཆུང་བར་བཞག་པའི་རིགས་ནི་ཤིན་ཏུ་ཉེན་ཁ་ཆེ་སྟེ།སྤྱི་གཉེར་ཁང་དེའི་རིགས་ཀྱིས་རླངས་འཁོརGPSབརྒྱུད་ནས་ཕྱིར་ལ་ཁྱེར་ངེས་མ་ཟད།ཐ་ན། ཁག་འཁུར་སྤྱི་གཉེར་ཁང་གིས་ཀྱང་གཏའ་མའི་རླངས་འཁོར་ཕྱིར་ལ་རྐུའང་སྲིད།ཁོ་ཚོའི་ལག་ན་ཀུན་ནས་ཆ་ཚང་བའི་གན་རྒྱ་དང་དཔང་ཡིག་སོགས་ཡོད་ངེས་པས།ཁོ་ཚོས་བརྐུས་སོང་ན།ཉེན་རྟོག་པའང་ཐབས་བཀོད་ཡོད་ནི་མ་རེད།
购买抵押车的风险
གཏའ་མའི་རླངས་འཁོར་ཉོ་བའི་སྐོར་གྱི་ཉེན་ཁ།
一、车子会被查封,甚至被锁定不能年审因为大多情况下,抵押车的原车主是不会继续向银行还钱的,这样银行在一定时间之后就会起诉到法院,法院就会通知车管所将车子进行“查封”,这样的话,车子就无法过户了。如果法院还不能找到原车主,车子状态就会变成“锁定”,被锁定之后的车子是不能年审的,上路被查会直接扣车。面对这样的情况,即便你去报警也是没用,因为这辆车根本不是你的,在法律上你并不被保护。如果你要起诉之前的抵押公司,但是“债权转让”是合法的,这件事已经和抵押公司无关,你能做的就是起诉原车主,但希望是非常渺茫的。
གཅིགརླངས་འཁོར་ལ་སྒོ་ཐེལ་རྒྱག་པའམ་ཐ་ན་གཏན་ཟ་བརྒྱབ་སྟེ་རླངས་འཁོར་ལ་ལོ་བཤེར་ཀྱང་བྱེད་མི་ཐུབ།
གནས་ཚུལ་གང་མང་ཞིག་གི་འོག་ཏུ།གཏའ་མའི་རླངས་འཁོར་གྱི་རྒྱུ་བདག་གིས་དངུལ་ཁང་ལ་མུ་མཐུད་དུ་སྒོར་མ་སྤྲད་པས།དུས་ཡུན་ངེས་ཅན་ཞིག་འགོར་རྗེས་དངུལ་ཁང་གིས་མི་དམངས་ཁྲིམས་ཁང་ལ་ཁྲིམས་སྦྱོར་བྱེད་ངེས་ཤིང་།མི་དམངས་སྲིད་ཁང་གིས་རླངས་འཁོར་དོ་དམ་ཁང་ལ་རླངས་འཁོར་དེའི་རིགས་ལ་སྒོ་ཐེལ་རྒྱག་དགོས་པའི་བརྡ་གཏོང་ངེས། དེ་ལྟར་བྱས་ན། རླངས་འཁོར་གྱི་རྒྱུ་བདག་རྗེས་མི་ཐུབ། གལ་ཏེ། མི་དམངས་ཁྲིམས་ཁང་གིས་རླངས་འཁོར་གྱི་རྒྱུ་བདག་མ་རྙེད་ན།རླངས་འཁོར་གྱི་རྣམ་པ་ཟ་བརྒྱབ་རྣམ་པར་འགྱུར་ངེས།ཟ་བརྒྱབ་རྗེས་རླངས་འཁོར་ལ་ལོ་བཤེར་བྱེད་མི་ཐུབ་པ་མ་ཟད།རླངས་འཁོར་ལམ་ལ་བུད་ནས་བཟུང་བ་ན་ཐད་ཀར་ལག་ནས་ལེན་ངེས།གནས་ཚུལ་དེའི་རིགས་ལ་ཐུག་ན།རླངས་འཁོར་དེ་ཁྱེད་ཀྱི་མིན་པས་རྩ་ཁྲིམས་ཀྱིས་ཁྱེད་ལ་བདག་བྱེད་མི་སྲིད་སྟབས།ཁྱེད་ཀྱིས་ཉེན་རྟོག་པར་ཡར་ཞུ་བྱས་ཀྱང་གོབ་ཆོད་མི་སྲིད།གལ་ཏེ།ཁྱེད་ཀྱིས་སྔོན་གྱི་གཏའ་འཇོག་སྤྱི་གཉེར་ཁང་ཁྲིམས་སྦྱོར་བྱས་ཀྱང་།གཏའ་འཇོག་སྤྱི་གཉེར་ཁང་དང་བྲེལ་བ་ཡོད་མི་སྲིད་ཅིང་བུན་དབང་སྐོར་བ་ནི་ཁྲིམས་དང་མཐུན་པས་སོ།དེ་དུས་ཁྱེད་ཀྱིས་སྒྲུབ་ཐུབ་པ་ཁོ་ནི་རླངས་འཁོར་གྱི་རྒྱུ་བདག་ཁྲིམས་སྦྱོར་བྱེད་ཆོག་མོད།ཡིན་ཡང་། འདོད་པ་དོན་ལ་འཁྱོལ་བའི་རེ་བ་ཤིན་ཏུ་ཆུང་།
二、车辆被私下偷抢现在抵押车一般分两种,一种是抵押银行的,第二种就是抵押小贷公司的,这种就比较有风险了,因为这种公司会通过GPS来找车,他们手上有公证买抵押车和合同,直接偷车抢车,连警察都很难管。如果抵押车有担保公司介入的话,买家承担的风险就更高了,担保公司在原车主和银行之间起到第三方担保的作用,如果银行找不到原车主就会找担保公司,由担保公司向银行还款。一旦这样,担保公司为了找到原车主,会在抵押车上安装GPS定位,或者安装远程断油系统,还会多配一把或多把备用钥匙。一旦车主欠款,这时候担保公司会动用一切力量来找原车主和抵押车。
གཉིས།གཏའ་མའི་རླངས་འཁོར་ལྐོག་ཏུ་བརྐུ་འཕྲོག་བྱེད་པར་རིགས་གཉིས་སུ་འདུག་སྟེ། གཅིག་ནི་དངུལ་ཁང་ལ་གཏའ་མར་བཞག་པ་དང་།གཞན་ཤོས་ནི་དངུན་བུན་སྤྱི་གཉེར་ཁང་ཆུང་བར་གཏའ་མར་བཞག་པའི་རིགས་ཡིན།རྗེས་མའི་རིགས་ལ་ལྟོས་བཅས་ཀྱི་ཉེན་ཁ་ཆེ་སྟེ།སྤྱི་གཉེར་ཁང་དེའི་རིགས་ཀྱིས་རླངས་འཁོརGPSབརྒྱུད་ནས་འཚོལ་ངེས་པ་དང་།ཁོ་ཚོའི་ལག་ན་ཀུན་ནས་ཆ་ཚང་བའི་གན་རྒྱ་དང་དཔང་ཡིག་སོགས་ཡོད་ངེས་པས།ཁོ་ཚོས་ཐད་ཀར་རྐུ་ངེས་ཅིང་འཕྲོག་ཀྱང་ངེས།དེ་འདྲའི་གནས་ཚུལ་ལ་འཕྲད་དུས།ཉེན་རྟོག་པའང་ཐབས་བཀོད་ཡོད་ནི་མ་རེད།གལ་ཏེ།གཏའ་མའི་རླངས་འཁོར་ཐད་ལ་ཁག་འཁུར་སྤྱི་གཉེར་ཁང་ནང་འཇུག་བྱས་ན།ཉོ་མཁན་གྱི་ཉན་ཁ་ཇེ་ཆེར་འགྱུར་སྲིད་དེ།ཁག་འཁུར་སྤྱི་གཉེར་ཁང་གིས་རླངས་འཁོར་གྱི་རྒྱུ་བདག་དང་དངུལ་ཁང་གཉིས་ཀྱི་བར་ལ་ཕྱོགས་གསུམ་པའི་ཁག་འཁུར་གྱི་ནུས་པ་ཞིག་ཐོན་ཡོད་པས།གལ་ཏེ།དངུལ་ཁང་གིས་རྒྱུ་བདག་འཚོལ་མ་ཐུབ་ཚེ་ཁག་འཁུར་སྤྱི་གཉེར་ཁང་འཚོལ་ངེས་ཤིང་།ཁག་འཁུར་སྤྱི་གཉེར་ཁང་གིས་དངུལ་ཁང་ལ་སྒོར་སྤྲོད་དགོས་པས་ཡིན། གནས་ཚུལ་དེ་བཞིན་དུ་གྱུར་ན།ཁག་འཁུར་སྤྱི་གཉེར་ཁང་གིས་རྒྱུ་བདག་བཙལ་ཏེ་རླངས་འཁོར་རུ་GPSའཇོག་དུ་འཇུག་པའམ། རྒྱང་སྒྱུར་སྣུམ་འགོག་མ་ལག་ཀྱང་འཇོག་དུ་འཇུག་པ་མ་ཟད། ལྡེ་མིག་ཀྱང་ཁ་ཤས་ལོག་དུ་ལས་སུ་འཇིག་སྲིད། གལ་ཏེ།རྒྱུ་བདག་གིས་སྒོར་མ་སྤྲད་ན།ཁག་འཁུར་སྤྱི་གཉེར་ཁང་གིས་ཐབས་བཀོད་ཡོད་ཚད་བཀོལ་ནས་རྒྱུ་བདག་དང་གཏའ་མའི་རླངས་འཁོར་གཉིས་འཚོལ་སྲིད།
三、车险使用不方便。因为抵押车无法完成过户,所以交强险的信息同样也无法做出变更,交强险的受益人只能是原来的车主,这会给车险的使用和理赔带来无尽的麻烦。抵押车买卖危害在车险的使用当中也可见一斑。
གསུམ།རླངས་འཁོར་གྱི་ཉེན་འགོག་བཀོལ་བར་སྟབས་མི་བདེ་སྟེ།གཏའ་མའི་རླངས་འཁོར་གྱི་རྒྱུ་བདག་བརྗེ་མི་ཐུབ་སྟབས། རྐུ་འཕྲོག་གི་ཉེན་འགོག་ཉོས་ན་སྔོན་གྱི་རྒྱུ་བདག་ཁེ་ཕན་རེགས་མཁན་ཡིན་པས། རླངས་འཁོར་གྱི་ཉེན་འགོག་བཀོལ་བ་དང་སྐྱིན་ཚབ་འཇལ་བའི་སྐོར་ལ་དཀའ་ལས་མང་བོ་ཞིག་ཡོད་ངེས།གཏའ་མའི་རླངས་འཁོར་ཉོ་ཚོ་བྱེད་པར་ཉེན་ཁ་ཡོད་པའི་སྐོར་རླངས་འཁོར་གྱི་ཉེན་འགོག་བཀོལ་སྤྱོད་བྱེད་པའི་ཐད་ནས་ཀྱང་ཁ་གསལ་དོན་གསལ་ཡིན་པ་ཤེས་སླའོ

来源:玉树公安
请先 后发表评论~